“དྲང་བདེན་ལ་རྒྱབ་སྐྱོར་” ཟེར་བ་ཚོཌ་པའི་མི་༧༠ ཙམ་གྱིས་རྡ་སར་ངོ་རྒོལ་བྱེད་བཞིན་པ་དེ་ང་ཚོ་བོད་མི་མང་གིས་ངོས་ལེན་མེད།

༄། །དཔལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

གུས་འབུལ།

ཉེ་ཆར་དྲ་ལམ་ཁག་ནས་གནས་ཚུལ་ཤེས་གསལ་ལྟར་ན་ “དྲང་བདེན་ལ་རྒྱབ་སྐྱོར་” ཟེར་བ་ཚོགས་པའི་སྣེ་འཁྲིད་པ་སྐུ་ཞབས་འཕྲིན་ལས་སྐལ་བཟང་ལགས་ཀྱིས་གཙོས་མི་གྲངས་༧༠ སྐོར་ཞིག་གིས་བོད་མི་མང་གི་མིང་འཁྱེར་ནས་རྡ་སར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་པའི་སྐབས་དང་བསྟུན་ཏེ་སྲིད་སྐྱོང་འབུམ་རམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་གཉིས་ལ་ངོ་རྒོལ་བྱེད་ནས་དགོས་འདུན་རིམས་པ་ཁག་གསུམ་འདོན་བཞིན་ཡོད་འདུག

དེ་རིང་ཟླ་བ་གསུམ་པའི་ཚེས་༢༠ ནས་བཟུང་སྟེ་ཚེས་༢༣ བར་ཉིན་༤ འི་རིང་ལ་སྙན་ཞུ་བ་བསྡུ་རུབ་ཀྱིས་ སྤྱི་འཐུས་གྲོས་ཚོགས་འདི་མ་གྲོལ་བའི་གོང་ལ་སྙན་ཞུ་འདི་ལ་མཚན་རྟགས་འགོད་མཁན་མི་གྲངས་ཇི་ཙམ་བྱུང་བ་ཐམས་ཅད་ཀྱིས་རེ་བ་ཞུ་རྒྱུར་་

༡༽ ཁོང་ངོ་རྒོལ་བ་ཚོ་བོད་མི་མང་གི་ཚབ་ལ་ངོས་ལེན་མེད།

“དྲང་བདེན་ལ་རྒྱབ་སྐྱོར་” ཟེར་བའི་ཚོགས་པའི་སྣེ་འཁྲིད་པ་སྐུ་ཞབས་འཕྲིན་ལས་སྐལ་བཟང་ལགས་ཀྱི་གཙོས་མི་གྲངས་༧༠ ཙམ་ཞིག་གིས་རྡ་སར་ངོ་རྒོལ་རྒྱག་བཞིན་པ་དེ་དག་ང་ཚོབོད་མི་མང་གི་སྐུ་ཚབ་མཚོན་ཐུབ་ཀྱི་མེད།
ཁོང་ཚོས་དགོས་འདུན་བཏོན་པ་ཐམས་ཅད་ལ་ང་ཚོ་བོད་མི་མང་གིས་ངོས་ལེན་རྩ་བ་ནས་མེད།

༢༽ བོད་མི་མང་ལ་འགྲེལ་བཤད་གསལ་པོ་བྱུང་སོང་།

བར་སྐབས་སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་གླེང་སློང་ཆེ་བའི་བརྗོད་གཞི་- ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དང་ ཨ་རི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་གཉིས་ཀྱི་སྐོར་ལ་ སྲིད་སྐྱོང་མཆོག་དང་སྤྱི་འཐུས་ལྷན་རྒྱས་ནས་འགྲེལ་བཤད་གསལ་ཞིང་དག་པ་ དཔང་རྟགས་དང་བཅས་ཏེ་གསུངས་གནང་སོང་། ང་ཚོ་མི་མང་ཚང་མ་ལ་འགྲེལ་བཤད་གསལ་པོ་བྱུང་སོང་། ཡང་བསྐྱར་གསལ་བཤད་དགོས་ཡ་མིན་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༣༽ སྲིད་སྤྱི་བཀའ་ཤག་ལྷན་རྒྱས་ཐུགས་ཕམ་མ་གནང་རོགས།

བོད་མི་བསམ་ཚུལ་མ་མཐུན་པ་ཉུང་ཤས་ཤིག་གིས་ངོ་རྒོལ་བྱས་པ་ལ་བརྟེན་ནས་ཁྱེད་རྣམ་ཚོ་ཐུགས་ཕམ་རྩ་བ་ནས་མ་གནང་རོགས། རྣམ་པ་ཚོས་རང་ཉིད་སྒེར་གྱི་ཁེ་ཕན་མང་པོ་ཞིག་བློས་གཏོང་གནང་སྟེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་དང་སྐྱོན་བཞིན་པ་རྣམས་ང་ཚོ་མི་མང་གིས་གསལ་པོ་ཤེས་ཀྱི་ཡོད། ཁྱེད་རྣམ་ཚོའི་བཀྲིན་དུས་ནམ་ཡང་བརྗེད་ཐབས་མེད། སྐུ་ངོ་ཚོ་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་ལས་བྱེདཕོ་མོ་རྒན་གཞོན་ཆེ་ཕྲ་ཆུང་གསུམ་ཐམས་ཅད་ལ་ད་བར་ཕྱག་ལས་ཧུར་ཐག་གནང་བར་བཀྲིན་རྗེས་དྲན་གྱི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ཆད་ཀྱང་ཁྱེད་རྣམ་ཚོས་སྔར་བཞིན་བོད་སྤྱི་པའི་ཕྱག་ལས་རྣམས་འཐུས་ཤོར་མེད་པར་ཧུར་ཐག་གནང་་སྐྱོང་ཡོང་བའི་རེ་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

ནིའུ་ཡོག་གནས་སྡོད་གུས་པ་ནོར་བཟང་དང་གོང་གསལ་དོན་གནད་གསུམ་ལ་མཚན་རྟགས་སྐྱོན་མཁན་བོད་མི་མང་ཐམས་ཅད་ནས་༢༠༡༨ ཟླ་བ་༣ པའི་ཚེས་༢༠ ནས་སྙན་ཞུར་ས་རྟགས་བསྡུ་རུབ་ལས་འགུལ་འགོ་འཛུགས་ཏེ་ ༢༠༡༨ ཟླ་བ་༣ པའི་ཚེས་༢༣ ལ་

ཕུལ།།


Khenpo Sonam Tenphel La, President of Tibetan Parliament in Exile.    Contact the author of the petition